Skip to content

མཐུན་ཚོགས་ཀྱི་ལོ་རྒྱུས།

བརྡ་འཕྲིན་ཚན་རིག་དང་འཕྲུལ་རིག་གི་མཐུན་ཚོགས་འདི་ནི། བརྡ་འཕྲིན་ཚན་རིག་ལག་བསྟར་བྱེད་མཁན་དང་ཉམས་ཞིབ་པའི་དབར་ཡོད་པའི་སྟོང་ཆ་འབྲེལ་མཐུད་ཀྱི་ཟམ་པ་གཅིག་པུ་དེ་རེད། ལོ་ངོ་ ༨༥ རིང་ལ་མཐུན་ཚོགས་འདིས་ལྟ་བ་གསར་པ་དང་། ཐབས་བྱུས། འཕྲུལ་རིག གསར་གཏོད་ཡར་རྒྱས་ལེགས་གཏོང་གིས་བརྡ་འཕྲིན་ལ་བེད་སྤྱོད་ཐུབ་པ་བཟོས་ཡོད།

ང་ཚོའི་ཚོགས་མི་རྣམས་ནི་འཛམ་གླིང་ཡུལ་གྲུ་ ༥༠ ལྷག་ནས་ཉམས་ཞིབ་པ། ཡར་ཐོན་ཅན། ཉམས་ལེན་པ། སློབ་ཕྲུག་རྣམསདང་མཁས་དབང་། བརྡ་འཕྲིན་ཚན་རིག་གི་ཆེད་ལས་པ་ཤ་དག་རེད། རང་ཉིད་ཀྱི་ཆེད་ལས་ཡར་རྒྱས་བཏང་དང་གཏོང་མུས་རེད། ཚོགས་མི་རྣམས་ནས་ཐུན་མོང་གི་དོན་རྐྱེན། རྣམ་དཔྱོད། བློ་རིག། ཉམས་མྱོང་། དོན་གཉེར། དཔྱད་པ། བརྡ་འཕྲིན། ཉར་ཚགས། དོན་རྟོགས་བྱེད་པ་རེད།།

༼ དམིགས་ཡུལ༽
མཐུན་ཚོགས་ཀྱི་དམིགས་ཡུལ་ནི། ཉམས་ཞིབ་པ་དང་། ཉམས་ལེན་པའི་འདུས་སྡེ་ཞིག་ཏུ་འགྱུར་ནས། འཛམ་གླིང་བརྡ་འཕྲིན་ཚན་རིག་དང་འཕྲུལ་རིག་སྔོན་ཐོན་ཅན་དུ་འགྱུར་རྒྱུའི་འབོད་སྒྲ་མགྲིན་དབྱངས་གཅིག་འགྱུར་གྱིས་ལག་ལེན་བསྟར་ཐུབ་པར་དམིགས་ཡོད།།

༼ལས་དོན༽
མཐུན་ཚོགས་ཀྱི་ལས་དོན་ནི། བརྡ་འཕྲིན་ཚན་རིག་པ་དང་འཕྲུལ་རིག་ནང་ཉམས་ཞིབ་པ་དང་ལག་ལེན་པ་ཡར་རྒྱས་གཏོང་རྒྱུ་དེ་ཡིན།།

༼ རིན་ཐང་༽

མཐུན་ཚོགས་འདི་ནི་འཛམ་གླིང་ཡོངས་ཁྱབ་ཀྱི་འདུས་སྡེ་ཞིག་ཡིན་པས་གཤམ་གསལ་དོན་གནད་རྣམས་ལ་བརྩི་མཐོང་བྱེད་ཀྱི་རེད།

  • ཤེས་བྱའི་གནས་ཀུན་ཁྱབ་ གང་ ལགས་ཞུ་ན་ བརྡ་འཕྲིན་གནས་ཚུལ་གསར་རིགས་དང་། དཀའ་གནད་སེལ་ཐབས་མཐུན་ཚོགས་འདི་ནས་བཏང་བ་རྣམས་ཆེད་ལས་མཁས་དབང་མང་པོའི་ས་ནས་འབྱོར་བ་ཞིག་རེད།
  • ཤེས་བྱ་  ཕན་ཚུན་ཤེས་ཡོན་བརྗེ་རེས་ཀྱི་གོ་སྐབས་། ཉམས་ཞིབ་ཀྱི་དཔེ་དེབ་པར་སྐྲུན། བརྡ་འཕྲིན་ཚན་རིག་ཐོག་གོ་རྟོགས་སྤེལ་རྒྱུ། འདིས་མཐུན་ཚོགས་དང་སྤྱི་ཚོགས་ཡོངས་ལ་ཕན་པ་རེད། ༼མི་ཚེ་ཧྲིལ་པོར་སྦྱོང་བ༽
  • འཛམ་གླིང་དང་སྤྱི་ཚོགས་སྒེར་རྣམས་བརྡ་འཕྲིནཚན་རིག་དང་འཕྲུལ་རིག་གི་ཤེས་ཡོན་ཡར་རྒྱས་གཏོང་ཆེད་སྦྱོང་དགོས།
  • གཅིག་་གྱུར། སྣ་ཚོགས། མཉམ་ཚུད། འཛམ་གླིང་ཁྱོན་ཡོངས་ལ་བརྡ་འཕྲིནཚན་རིག་དང་འཕྲུལ་རིག་ཉམས་ཞིབ་ཡར་རྒྱས་སྐོར་འབོད་སྒྲ་བསྒྲག་དགོས།
  • བརྡ་འཕྲིན་ཚན་རིག་དང་འཕྲུལ་རིག་གིས་སྒེར་དང་རིག་གཞུང་དང་སྤྱི་ཚོགས་ཀྱི་ཐོག་ཕན་ནུས།
  • བརྡ་འཕྲིན་ཚན་རིག་དང་འཕྲུལ་རིག་སྒོ་ཀུན་ནས་ཡར་རྒྱས་གཏོང་རྒྱུར་་སྤྲོ་པའི་ཉམས་ཞིབ་པ་དང་ཉམས་ལེན་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་རྒྱུ།
  • འཛུལ་ཞུགས་སྒོ་དབྱེ་ མཐུན་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་དང་ཚོགས་མི་རྣམས་ཀྱི་བདེ་རྩ་ལ་ཆ་སྙོམ་བསམ་གཏང་བྱ་རྒྱུ།

མཐུན་ཚོགས་འདི་བཞིན་ཆེད་ལས་པའི་ཚོགས་པ་ཁྱད་འཕགས་ཤིག་ཡིན་པའི་ཆ་ནས།

  • ང་ཚོའི་སློབ་ཕྲུག་གི་ཚན་པ་དང་ས་ཁུལ་གྱི་སྡེ་ཚན་བརྒྱུད་མ་འོངས་པའི་མདུན་ལམ་དང་དབུ་ཁྲིད་ཀྱི་ཤེས་འབྱོན་གྱི་སྦྱོང་བརྡར་གྱི་གོ་སྐབས་སྤྲོད་ཀྱི་ཡོད།
  • ཉམས་ལེན་པ་དང་ཉམས་ཞིབ་པ། སློབ་ཕྲུག་སྒྲིག་འཛུགས་བཅས་དམིགས་བསལ་ཆེད་ལས་པ་བརྒྱུད་ཡང་ན་ལོ་འཁོར་ཚོགས་འདུ་སྐབས་བཅས་ནས་འབྲེལ་མཐུད་བྱ་རྒྱུ།
  • ཉམས་ཞིབ་པ་དང་འབྲེལ་བའི་དཔེ་དེབ་རྩོམ་སྒྲིག་དང་པར་སྐྲུན།
  • ཆེད་ལས་པ་དང་འབྲེལ་པའི་ཤེས་ཡོན་མཉམ་སྦྲེལ་བྱ་རྒྱུ།
  • བརྡ་འཕྲིན་དྲིལ་བསྒྲག་གི་ལས་འགུལ་དང་འབྲེལ་བའི་ཉམས་ཞིབ་ཡར་རྒྱས་དང་ཆེད་ལས་པའི་ཤེས་ཡོན་གོང་སྤེལ།
  • ང་ཚོའི་མཐུན་ཚོགས་བརྒྱུད་གཞན་དང་འབྲེལ་བ་བྱ་རྒྱུའི་གོ་སྐབས་སྐྲུན་རྒྱུ།

བརྡ་འཕྲིན་ཚན་རིག་དང་འཕྲུལ་རིག་་མཐུན་ཚོགསཁོངས་་ཡོད་པའི་འབྲེལ་ཡོད་འཐུས་མི་རྣམས་ཡོང་ཁུངས།

  • བརྡ་འཕྲིན་དང་ཚན་རིག
  • གློག་ཀླད་ཚན་རིག
  • སྐད་ཡིག་རིག་པ།
  • ཆེད་ལས་བདག་གཉེར།
  • དཔེ་མཛོད་བདག་གཉེར།
  • འཕྲུལ་རིག
  • ཁྲིམས་དོན་།
  • གསོ་རིག
  • རྫས་སྦྱོར་རིག་པ།
  • ཤེས་ཡོན། །།